Jump to content

ཁ་བ་བུ་ཡུག

ཡོང་ཁུངས་Wikipedia

རགས་ཙམ་ངོ་སྤྲོད་བྱས་ན།

[རྩོམ་སྒྲིག]

གངས་ལྷགས་ལ་གངས་འཚུབ་ཀྱང་ཟེར་ཏེ། གངས་ཆེན་པོ་རླུང་གིས་དེད་ནས་འཁོར་སྐྱོད་བྱེད་པ་མ་ཟད་སྐབས་དེར་ཁ་བ་འབབ་མིན་ཁ་ཚོན་སྤྱོད་མི་ཉན་པ་དང་སྤྱིའི་ཆ་ནས་མཐོང་ཚད་༡kmལས་ཆུང་བའི་གནམ་གཤིས་ཀྱི་སྣང་ཚུལ་ཞིག་ལ་ཟེར། ཁ་བ་བུ་ཡུག་འཚུབ་སྐབས་གྲང་རླུང་ལྡང་བ་དང་འགྲོ་ལམ་ས་འོག་ཏུ་སྦས་ནས་གནོད་འཚེ་ཐོན་གྱི་ཡོད།ཀྲུང་གོའི་ནང་སོག་དང་།བྱང་ཤར། བྱང་རྒྱུད་བཅས་ཀྱི་ས་ཁུལ་དུ་དུས་ཚིགས་སོ་སོར་མཐོང་རྒྱུ་མང་བ་དང་། རླུང་ནི་ནུབ་བྱང་དང་བྱང་ཕྱོགས་སུ་ཕྱོགས་ཡོད། ཨུ་རུ་སུའི་ཨེ་ཤེ་ཡའི་ཆ་ཤས་མང་ཆེ་བ་བྱང་ཤར་གྱི་རླུང་ཡིན་པ་མ་ཟད། གྲང་རླུང་དང་ཡང་ན་ཡོངས་ཁྱབ་ཀྱི་རླུང་ཡང་ཟེར། ཧྥ་རན་སིའི་ཤར་ལྷོའི་ཕྱོགས་སུ་ཁ་བའི་གྲང་ངར་གྱི་བྱང་རླུང་ལ་པུ་ལེ་ཀྲ་རླུང་ཟེར། ལྷོ་སྣེའི་གངས་འཚུབ་ཞེས་པ་དེ་ནི་འཁྱགས་ཁེབ་སྟེང་ནས་མར་རྒྱབ་པའི་རླུང་འཚུབ་ལ་ཟེར་ཞིང་། ཆ་སྙོམས་རླུང་འགྲོས་༤༠m/sལ་སླེབས་ཤིང་། དུས་ཚོད་ཆུ་ཚོད་ཁ་ཤས་རྒྱུན་མཐུད་བྱེད་ཐུབ་པ་ཞིག་ལ་ཟེར་རོ།།[]

དེ་འདྲ་འབབ་པའི་བརྒྱུད་རིམ།

[རྩོམ་སྒྲིག]

དགུན་ཁར།སྤྲིན་པའི་ནང་གི་དྲོད་ཚད་ཧ་ཅང་དམའ་པོ་ཆགས་པའི་སྐབས་སུ་སྤྲིན་པའི་ནང་གི་ཆུ་ཐིགས་འཁྱགས་པར་གྱུར་ལ། འཁྱགས་པ་ཆགས་པའི་ཆུ་ཐིགས་ཆུང་ཆུང་དེ་དག་ཆུ་ཐིགས་གཞན་དང་གདོང་ཐུག་རྒྱག་སྐབས་ཆུ་ཐིགས་ཆུང་ཆུང་དེ་དག་གངས་སུ་འགྱུར་གྱི་ཡོད་ལ་དེ་དག་གངས་ལ་གྱུར་ཚར་རྗེས་མཚམས་མི་ཆད་པར་ཆུ་ཐིགས་ཆུང་ཆུང་གཞན་ནམ་གངས་ལ་གདོང་ཐུག་རྒྱག་གི་ཡོད། གངས་འདི་དག་ཆེན་པོར་གྱུར་དུས་དེ་ཚོ་མར་འབབ་པ་རེད། གངས་མང་ཆེ་བར་གནོད་པ་མེད་མོད་འོན་ཀྱང་རླུང་གི་མྱུར་ཚད་༤༦km/h(ཕལ་ཆེར་༡༤.༦m/s)ཟིན་པ་དང་དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་-༤℃མན་ལ་མར་ཆག་པ་མ་ཟད།གངས་མང་པོ་འབབ་པའི་དུས་སུ་ཁ་བ་བུ་ཡུག་ཆགས་པ་རེད།

སྔོན་འགོག་ཇི་ལྟར་བྱེད་དགོས་པ་རེད་དམ།

[རྩོམ་སྒྲིག]

ཁ་བ་བུ་ཡུག་འཚུབ་པའི་གནམ་གཤིས་ཀྱིས་དུས་ཡུན་ཐུང་ངུའི་ནང་རི་ཐང་དུ་ཕྱུགས་འཚོ་བའི་ཕྱུགས་ཁྱུ་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད་མོད། འོན་ཀྱང་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱས་པར་གཞིག་ན།ཆུ་ཚོད་ཁ་ཤས་ཀྱི་སྔོན་ལ་ཁ་བ་བུ་ཡུག་འཚུབ་པའི་གནས་ཚུལ་ཤེས་རྟོགས་བྱ་ཐུབ་པ་དང་དེ་ལ་འབྲེལ་ཡོད་འགོག་སྲུང་གི་བྱ་ཐབས་འོས་འཚམ་སྤྱད་ཚེ་ཁ་བ་བུ་ཡུག་གིས་འཁྱེར་ཡོང་བའི་གནོད་འཚེ་ལས་གཡོལ་ཐུབ་པ་མ་ཟད་གྱོང་གུན་མང་པོ་ཞིག་ཉུང་དུ་གཏོང་ཐུབ་པ་མཚོན་གྱི་ཡོད། དེར་བརྟེན་གནད་ལ་འཁེལ་བའི་ངང་ནས་གངས་ལྷགས་སྔོན་བརྡ་གཏོང་རྒྱུ་དེ་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པའམ་གལ་འགངས་ཆེན་པོ་ཞིག་ཡིན།།

གངས་ཆེན་པོ་མ་བབས་གོང་གི་གྲ་སྒྲིག

[རྩོམ་སྒྲིག]

༡.ཁ་བ་དྲག་པོའི་སྐོར་གྱི་གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡ་གསར་པ་དང་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ལ་དོ་ཁུར་བྱེད་པ། ༢.གཞུང་ལམ་གཙང་ཕྱགས་དང་གངས་གསོག་ཞུ་བའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། ༣.ཁ་བ་ཆེན་པོ་མ་བབས་གོང་ཕྱིར་འགྲོ་རྒྱུ་ཉུང་དུ་གཏོང་དགོས་པ་དང་།གང་ཐུབ་ཅི་ཐུབ་ཀྱིས་མོ་ཊ་བཏང་ནས་ཕྱི་ལོག་ལ་འགྲོ་རྒྱུ་ཉུང་དུ་གཏོང་དགོས་པ་མ་ཟད།གལ་སྲིད་ཕྱི་ལོག་ཡོད་སྐབས་གངས་རླུང་དང་འཕྲད་ན་བདེ་འཇགས་ཀྱི་གནས་སུ་གཡོལ་དགོས། ༣.གནམ་གྲུ་ཐང་དང་།མྱུར་བགྲོད་གཞུང་ལམ།གྲུ་ཁ་བཅས་སུ་འཕྲུལ་འཁོར་འདི་དག་གཏོང་མཚམས་འཇོག་པའམ་ཡང་ན་བཀག་སྡོམ་བྱེད་སྲིད་པས།དུས་ཐོག་ཏུ་འགྲོ་སྐྱོད་འཆར་གཞི་མེད་པར་བཟོ་བའམ་ཡང་ན་གཞན་འདེམས་དགོས། ༤.གྲང་འགོག་དྲོད་སྲུང་གྲ་སྒྲིག་ལེགས་པོ་བྱས་ཏེ།བཟའ་བཅའ་དང་ཆུ་འདང་ངེས་ཤིག་གསོག་འཇོག་བྱེད་དགོས། ༦.བརྟན་པོ་མིན་པའི་འཛུགས་སྐྲུན་དངོས་པོའི་ནང་དུ་མི་སྡོད་པ། ༧.ཞིང་འབྲོག་ཁུལ་དུ་འབྲུ་རིགས་དང་རྩྭ་གྲ་སྒྲིག་ཡག་པོ་བྱས་ཏེ་ཕྱི་རོལ་གྱི་ཕྱུགས་ཟོག་ལྷས་རའི་ནང་དེད་ནས་གསོ་དགོས། ༨.ཞིང་ཁའི་སྟོན་ཐོག་ལ་འཁྱགས་འགོག་གི་བྱེད་ཐབས་སྤྱད་དེ་ལོ་ཏོག་ལ་འཁྱག་གནོད་ཐེབས་པར་སྔོན་འགོག་བྱེད་དགོས།

ཁ་བ་བུ་ཡུག་འཚུབ་པ་ལ་ང་ཚོས་ཐབས་ཤེས་གང་བཏང་ནས་ཁ་གཏད་གཅོག་དགོས།

[རྩོམ་སྒྲིག]

༡.ཚང་མས་གང་ཐུབ་ཀྱིས་ཁང་པའི་ནང་དུ་སྡོད་དགོས་པ་ལས་ཕྱི་རུ་འགྲོ་རྒྱུ་མེད། ༢.གལ་ཏེ་རང་ཉིད་ཕྱི་རོལ་དུ་ཡོད་ཚེ་ཕྱི་ལོག་བྱ་སྐབས་བརྡ་ཁྱབ་སྤེལ་སའི་པང་ལེབ་དང་།གནས་སྐབས་སུ་བཙུགས་པའི་འཛུག་སྐྲུན་དངོས་པོ།སྡོང་པོ་རྙིང་པ་བཅས་ལས་གཡེལ་དགེ་ཏེ་རྨས་སྐྱེན་ཕོག་པར་་སྔོན་འགོག་བྱས་དགོས།ཟམ་འོག་དང་མདའ་གཡབ་སོགས་བརྒྱུད་སྐབས་སེམས་ཆུང་ངང་ལྟ་ཞིབ་བྱེད་པའམ་ཡང་ན་ལམ་བསྐོར་ནས་འགྲོ་དགོས་ཤིང་།འཁྱགས་དར་ཞུ་ནས་མི་ལ་རྨས་སྐྱོན་མི་ཕོག་པ་བྱེད་དགོས། ༣.འགུལ་སྐྱོད་རླངས་འཁོར་མ་ཡིན་པ་དེའི་འཁོར་ལོའི་ཕུ་ཉུང་ཙམ་ཕྱིར་བཏང་ནས་འཁོར་ལོ་དང་ལམ་ངོས་ཀྱི་བརྡར་ཤུགས་ཇེ་ཆེར་གཏོང་དགོས། ༣.འགྲིམ་འགྲུལ་མི་དམངས་ཉེན་རྟོག་པ་རྣམ་པའི་བཀོད་འདོམས་ལ་ཉན་ནས་འགྲིམ་འགྲུལ་ཁྲིད་སྟོན་བཀོད་སྒྲིག་དང་ལེན་བྱེད་དགོས། ༤.གནམ་གཤིས་སྔོན་བརྡ་དང་འགྲིམ་འགྲུལ་ཆ་འཕྲིན་ཉན་རྒྱུར་དོ་སྣང་བྱས་ཏེ།གནམ་གྲུ་ཐང་དང་།མྱུར་བགྲོད་གཞུང་ལམ།གྲུ་གཟིངས་གྲུ་ཁ་སོགས་ཀྱིས་གནམ་གྲུ་གཏོང་མཚམས་འཇོག་པའམ་བཀག་སྡོམ་བྱས་པའི་རྐྱེན་གྱིས་འགྲོ་སྐྱོད་འགོར་འགྱངས་མི་ཡོང་བ་བྱེད་དགོས། ༦.རླངས་འཁོར་བཏང་ནས་ཕྱི་ལོག་ལ་སྐྱོད་དུས་དལ་གྱིས་བསྐྱོད་དགོས་པ་མ་ཟད།རླངས་འཁོར་སྔོན་མ་དང་བར་ཐག་ཆེ་ཙམ་འཇོག་དགོས།རླངས་འཁོར་གྱི་དཀྱོགས་མཚམས་སྔོན་ལ་དལ་དུ་བཏང་ནས་དལ་པོའི་ངང་ནས་ཁུག་ཆ་སྐོར་དགོས།ཆ་རྐྱེན་ཡོད་ན་འདྲེད་འགོག་ལྕགས་སྒྲོག་འཁོར་ལོ་ལ་སྒྲིག་སྦྱོར་བྱས་ནས་མིག་ཤེལ་ནག་པོ་འདོགས་དགོས། ༧.འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས།ཡུལ་དངོས་ཀྱི་རྒྱབ་ཕྱོགས་སུ་མངོན་གསལ་དོད་པའི་ཉེན་འགོག་མཚོན་རྟགས་བཙུགས་ཏེ།རླངས་འཁོར་གཅིག་ལ་གཅིག་འབྲེལ་གྱི་རྡུང་ཁ་མི་རྒྱག་པའི་སྔོན་འགོག་བྱ་དགོས། ༨.གལ་ཏེ་གློག་ཆད་པའི་དོན་རྐྱེན་བྱུང་ན།ལམ་སེང་གློག་ཤུགས་སྡེ་ཁག་ལ་ཐག་གཅོད་བྱ་རོགས་ཞུ་བའི་སྙན་ཞུ་འབུལ་དགོས།

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག:

དཔྱད་གཞིའི་དཀར་ཆག

[རྩོམ་སྒྲིག]